西藏网

了解西藏第一选择!

热门搜索:二手汽车 本地交友


当前位置:首页 本地资讯 西藏新闻 > 林芝新闻ཀྲུང་དབྱང་མི་རིགས་གླུ་གར་ཚོགས་པའི་གསར་རྩོམ་ཞབས་བྲོའི་ཟློས་གར་ཆེ་གྲས་ཚངས་དབྱངས་རྒྱ་མཚོ་ཞེས་པ་རྒྱལ་ཁབ་

ཀྲུང་དབྱང་མི་རིགས་གླུ་གར་ཚོགས་པའི་གསར་རྩོམ་ཞབས་བྲོའི་ཟློས་གར་ཆེ་གྲས་ཚངས་དབྱངས་རྒྱ་མཚོ་ཞེས་པ་རྒྱལ་ཁབ་

  • 2023/1/13 10:08:09
  • 来源:快搜西藏网
  • 编辑:佚名
  • 134
  • 0
  • 0

སྐབས་བཅུ་དྲུག་པའི་པེ་ཅིང་དུ་མཉམ་འཛོམས་ཞེས་པའི་སྒྱུ་རྩལ་དུས་ཆེན་ཁྲོད་མི་རིགས་ཀྱི་ཕུལ་བྱུང་སྒྱུ་རྩལ་གྱི་ཚབ་མཚོན་གྱི་འཁྲབ་སྟོན་ཞིག་ཡིན་པའི་ངོས་ནས། ཀྲུང་དབྱང་མི་རིགས་གླུ་གར་ཚོགས་པས་གསར་རྩོམ་བྱས་པའི་ཟློས་གར་ཚངས་དབྱངས་རྒྱ་མཚོ་ཞེས་པ་སྤྱི་ཟླ་ལྔ་པའི་ཚེས་༢༧ཉིན་ནས་༢༩ཉིན་བར་རྒྱལ་ཁབ་ཟློས་གར་ཁང་ཆེན་དུ་འཁྲབ་སྟོན་བྱ་རྒྱུ་ཡིན་པ་རེད།

སྤྱི་ཚེས་༢༣ཉིན། ཀྲུང་དབྱང་མི་རིགས་གླུ་གར་ཚོགས་པའི་གར་སྟེགས་ཐོག་གཉེར་བའི་སྙན་ངག་གི་ཉམས་འགྱུར་གྱིས་ཕྱུག་པའི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུས་འཁྲབ་སྟོན་བྱ་གྲབས་ཡོད་པའི་ཚངས་དབྱངས་རྒྱ་མཚོ་ཞེས་པའི་རེས་འཁོར་བཞི་པའི་འཁྲབ་སྟོན་ལ་གྲ་སྒྲིག་བྱས་ཡོད་པ་རེད།

ཚངས་དབྱངས་རྒྱ་མཚོ་ཞེས་པ་ནི་ཀྲུང་དབྱང་མི་རིགས་གླུ་གར་ཚོགས་པ་བཙུགས་ནས་ལོ་ངོ་དྲུག་ཅུ་ལྷག་ཙམ་སོང་ཚུན་གྱི་ཞབས་བྲོའི་ཟློས་གར་གྱི་བརྩམ་བྱ་ཞིག་ཡིན་པ་མ་ཟད། སྤྱི་ལོ་༢༠༡༥ལོ་འཁོར་མོའི་རྒྱལ་ཁབ་སྒྱུ་རྩལ་ཐེབས་རྩའི་རོགས་སྐྱོར་མ་དངུལ་མང་ཤོས་རག་ཡོད། ཟློས་གར་དེ་ནི་ཀྲུང་དབྱང་མི་རིགས་གླུ་གར་ཚོགས་པའི་ཚོགས་གཙོ། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་འཁྲབ་ཁྲིད་པ་ཏིང་ཝེ་ཡིས་ལོ་ན་གཞོན་ལ་སྐྱེ་སྟོབས་ཀྱི་དཔལ་འབར་བའི་རྩོམ་སྒྲིག་འཁྲབ་ཁྲིད་ཚོགས་པའི་སྣེ་ཁྲིད་དེ་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གདངས་རྩོམ་མཁན་ལི་ཚང་སང་དང་། གྲགས་ཅན་གྱི་གར་སྟེགས་འཁྲབ་ཆས་ཇུས་འགོད་མཁས་པ་མའེ་ཆིང་སོགས་རྒྱལ་ནང་གི་གྲགས་ཅན་གྱི་སྒྱུ་རྩལ་མཁས་པས་མཉམ་འབྲེལ་ཐོག་གཏོད་པ་ཞིག་ཡིན།

ཞབས་བྲོའི་ཟློས་གར་དེ་ནི་ཚངས་དབྱངས་རྒྱ་མཚོའི་མགུར་གླུས་རྨང་གཞི་བྱས་ཏེ། ཚངས་དབྱངས་རྒྱ་མཚོ་བྱིས་པའི་དུས་ནས་དགུང་ལོ་ཉི་ཤུར་སོན་པའི་བར་གྱི་འཚོ་བའི་གནས་ཚུལ་འཁོད་པ་ཞིག་ཡིན་ཞིང་། སྤུས་ཀ་ལེགས་པའི་གླུ་གར་གྱི་ཚིག་ཚོགས་དང་། གནས་ཚུལ་ཞིབ་ཕྲ་མཚོན་པའི་མི་སྣའི་ནང་སེམས་ཀྱི་རོལ་དབྱངས། དེ་བཞིན་གངས་ལྗོངས་ས་མཐོའི་ཉམས་སྣང་གིས་ཕྱུག་པའི་གྱོན་ཆས། བྱང་ཆུབ་པའི་ཞབས་བྲོའི་སྒེག་ཉམས་བཅས་ཀྱི་ཐོག་ནས་མི་སྣ་གཙོ་བོ་ཚངས་དབྱངས་རྒྱ་མཚོས་ཕ་ཡུལ་དང་། སྐྱེས་མ། དེ་བཞིན་བརྩེ་དུང་བཅས་ལ་ལྷག་བསམ་རྣམ་དག་བཅངས་པ་གར་སྟེགས་ཐོག་མངོན་པར་བྱས་པ་ཞིག་ཡིན་པ་རེད།

西藏网官方微信

西藏网-了解西藏第一选择!


赞(0)

网友留言评论

2条评论
 
文明上网 礼貌发帖 0/300
声明:频道所载文章、图片、数据等内容以及相关文章评论纯属个人观点和网友自行上传,并不代表本站立场。如发现有违法信息或侵权行为,请留言或直接与本站管理员联系,我们将在收到您的信息后24小时内作出删除处理。