ཉེ་ལམ་ལོ་ཤས་རིང་། སྣང་རྫོང་གིས་སྔ་བར་ཕྱི་གསུམ་དུ་རིག་དངོས་ཡོངས་ཁྱབ་ཞིབ་བཤེར་སྲུང་སྐྱོབ་དང་། དྲིལ་བསྒྲགས་ཁྲིད་སྟོན། བདེ་འཇགས་ལྟ་སྡོམ། རྣམ་གྲངས་འཛུགས་སྐྲུན་བཅས་ཀྱི་ཐད་ཤུགས་རྒྱག་རྒྱུར་སྣང་ཆེན་གྱིས་རིག་དངོས་སྲུང་སྐྱོབ་ཀྱི་ལས་དོན་ཏན་ཏིག་ནུས་ལྡན་ངང་སྤེལ་ཏེ་ཉིང་ཁྲི་གྲོང་ཁྱེར་གྱི་རིག་དངོས་སྲུང་སྐྱོབ་ལས་དོན་གྱི་དཔེ་སྟོན་པའི་བརྩོན་ལེན་བྱས་པར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་རེད།
དང་ཐོག་སྣང་རྫོང་གིས་དྲིལ་བསྒྲགས་ཁྲིད་སྟོན་ལ་སྣང་ཆེན་གྱིས་དྲིལ་བསྒྲགས་ལས་དོན་དེ་རིག་དངོས་སྲུང་སྐྱོབ་ལས་དོན་གྱི་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱས་ཏེ་དྲིལ་བསྒྲགས་བྱ་ཐབས་སྣ་མང་ཅན་ཡོང་རྒྱུར་སྣང་ཆེན་བྱས་ཐོག་རིག་དངོས་སྲུང་སྐྱོབ་ལས་དོན་ནང་ཞུགས་པའི་ལས་བྱེད་མང་ཚོགས་ཚོའི་ཧུར་སེམས་དང་རང་འགུལ་རང་བཞིན་ཆེ་རུ་ཧུར་ཐག་བཏང་ཡོད་པ་རེད། དེའང་གཅིག་ནས“ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་ཉིན་མོ”དང“ཁྲིམས་སྐྱོང་དྲིལ་བསྒྲགས་ཟླ་བ”སོགས་ཀྱི་བྱེད་སྒོ་གོ་སྐབས་སུ་བྱས་ནས་རྫོང་ཕྱོགས་བསྡུས་བཅོས་སྐྱོང་གཞུང་ལས་ཁང་དང་ཁྲིམས་འཛིན་ཅུས་སོགས་ཚན་པ་དང་མཉམ་དུ“བཅའ་ཁྲིམས་འདོན་སྤེལ”གྱི་ཆེད་དོན་དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས་གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་ཞིང་འབྲོག་མང་ཚོགས་ལ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་རིག་དངོས་སྲུང་སྐྱོབ་བཅའ་ཁྲིམས་དང་ཁྲིམས་སྲོལ་ཤེས་བྱ་དྲིལ་བསྒྲགས་བྱས་ཐོག་མང་ཚོགས་ཀྱིས་ཁྲིམས་སྦྱོང་དང་། ཁྲིམས་ཤེས། ཁྲིམས་སྲུང་བཅས་ཀྱི་འདུ་ཤེས་ཟབ་ཏུ་བཏང་བ་དང་། གཉིས་ནས“རྒྱལ་ཡོངས་ཀྱི་རིག་གནས་ཤུལ་བཞག་ཉིན་མོ”སྤྱད་དེ་དྲིལ་བསྒྲགས་བྱས་ནས་རྫོང་དེ་ཡོངས་ཀྱི་ཁྲོམ་གཞུང་གཙོ་གྲས་སུ་དྲིལ་བསྒྲགས་འགྲེམས་སྟེགས་བཙུགས་པ་དང་། འཕྲེད་འགེལ་ཡི་གེ་བསྐྱལ་བ། དཔྱད་གཞིའི་ཡིག་རིགས་སྤྲོད་པ་བཅས་དང་དངོས་པོ་འགྲེམས་སྟོན་ཟུང་འབྲེལ་གྱི་བྱ་ཐབས་ཐོག་ནས་རིག་དངོས་སྲུང་སྐྱོབ་ཀྱི་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དང་རིག་དངོས་སྲུང་སྐྱོབ་ཐད་སྣང་རྫོང་ལ་ཐོབ་པའི་གྲུབ་འབྲས་དྲིལ་བསྒྲགས་ཤུགས་ཆེན་བྱས་ཏེ་རིག་དངོས་སྲུང་སྐྱོབ་ལས་དོན་ལ་ཤུགས་སྣོན་རྒྱག་ཆེད་མང་ཚོགས་ཀྱི་རྨང་གཞི་བརྟན་པོ་བཏིང་བ། གསུམ་ནས་ཁྲིམས་ལུགས་དྲིལ་བསྒྲགས་བྱས་པ་དང་དུས་མཚུངས་རིག་དངོས་སྲུང་སྐྱོབ་ཐད་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཞིང་འབྲོག་མང་ཚོགས་ཚོའི་བསམ་འཆར་དང་གྲོས་འགོ་ཧུར་ཐག་དང་རྒྱ་ཁྱབ་ངང་ཉན་པ་དང་སྦྲགས་རིན་ཐང་ལྡན་པའི་རིག་དངོས་ཀྱི་ཁུངས་སྣེ་བསྡུ་རུབ་བྱས་ཐོག་དུས་ཐོག་དང་ནུས་ལྡན་ངང་རིག་དངོས་ཤེས་རྟོགས་དང་སྲུང་སྐྱོབ་བྱེད་པ་དང་རྫོང་དེའི་རིག་དངོས་ཐོན་ཁུངས་ཕུན་སུམ་ཚོགས་སུ་གཏོང་ཆེད་འགན་ལེན་ནུས་ལྡན་བྱས་ཡོད་པ་རེད། 2015ལོར་ཆེད་དོན་དྲིལ་བསྒྲགས་དང་མཉམ་འབྲེལ་དྲིལ་བསྒྲགས་སོགས་ཀྱི་བྱ་ཐབས་སྤྱད་ནས་རིམ་རྩིས་ལྟར་ན། རིག་དངོས་དྲིལ་བསྒྲགས་ལས་དོན་ཐེངས་6སྤེལ་བ་དང་དཔྱད་གཞིའི་ཡིག་རིགས་ཁག་300ལྷག་སྤྲད་ཡོད་པ་རེད།
གཞན་ཡང་། སྣང་རྫོང་གིས་ཡོངས་ཁྱབ་ཞིབ་བཤེར་དང་སྲུང་སྐྱོབ་གལ་ཆེ་མཉམ་དུ་འཛིན་པའི་རྩ་དོན་མཐའ་འཁྱོངས་བྱས་ཏེ་རིག་དངོས་ལས་དོན་ཏན་ཏིག་ནུས་ལྡན་ངང་སྤེལ་རྒྱུར་སྐུལ་འདེད་བཏང་ཡོད་པ་སྟེ། གཅིག་ནས་རིག་དངོས་ཡོངས་ཁྱབ་ཞིབ་བཤེར་གྱི་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་ཡོད། རྒྱལ་ཡོངས་ཀྱི་གནས་སྤོ་ཆོག་པའི་རིག་དངོས་ཡོངས་ཁྱབ་ཞིབ་བཤེར་ཐེངས་དང་པོའི་ཁྲོད་རྫོང་དེ་ཡོངས་ཀྱི་ཁྱབ་ཁོངས་ནང་དགོན་སྡེ་དང་ལྷ་ཁང་རིག་དངོས་སྲུང་སྐྱོབ་ཚན་པ་བཅུའི་རིག་དངོས་ལ་ཚད་འཇལ་དང་། པར་ལེན། ཆ་འཕྲིན་གྲངས་གཞིའི་དཔྱད་གཞིའི་ཡིག་རིགས་བསྡུ་རུབ་དང་ཐོ་འགོད་བཅས་ཀྱི་ལས་དོན་ལེགས་གྲུབ་བྱུང་བ་དང་། གནས་སྤོ་ཆོག་པའི་རིག་དངོས་ཁྱོན་ཁག་193ཐོ་འགོད་བྱས་ཡོད་པ་རེད། རང་སྐྱོང་ལྗོངས་ཀྱི་རིག་དངོས་ཆ་འཕྲིན་ཕབ་འཇུག་ཁྲོད་མཐར་རིག་དངོས་ཁག་189རང་སྐྱོང་ལྗོངས་ཀྱི་རིག་དངོས་ཆ་འཕྲིན་ལས་སྟེགས་ནང་བདེ་བླག་ངང་བཅུག་པ་དེས་ཐོ་འགོད་སྙན་ཞུ་བྱས་པའི་རིག་དངོས་བསྡོམས་འབོར་གྱི་98%ཟིན་ཡོད་པ་དང་རང་སྐྱོང་ལྗོངས་ཀྱི་ཡོངས་ཁྱབ་ཞིབ་བཤེར་གཞུང་ལས་ཁང་གི་རིགས་གཅིག་མཁས་ཅན་དང་དགེ་རྒན་རྣམས་པའི་ཁས་ལེན་གང་ལེགས་ཐོབ་ཡོད་པ་དང་། གཉིས་ནས་རིག་དངོས་སྲུང་སྐྱོབ་ཀྱི་ལས་དོན་ཏན་ཏིག་སྤེལ་བ། 2015ལོར་ཁག་དྲུག་པའི་རང་སྐྱོང་ལྗོངས་རིམ་པའི་རིག་དངོས་སྲུང་སྐྱོབ་ཚན་པའི་དགའ་ལྡན་རབ་བརྟན་དགོན་པ་དང་རྩེ་ལེ་དགོན་པའི་ལམ་སྟོན་རི་མོ་དང་ཕྱོགས་སྟོན་བྱང་བུ་ལེགས་གྲུབ་ལྡན་པའི་ངང་བཟོས་ཡོད་པ་རེད། རིག་དངོས་སྲུང་སྐྱོབ་ཀྱི་འགྲོ་གྲོན་སྒོར་ཁྲི་8བཏང་སྟེ་འཁྲུངས་ཁང་གཞིས་ཀའི་བཤམས་སྟོན་ཁང་གི་ཁ་གདན་དང་འབོལ་གདན་སོགས་ཀྱི་འཛིན་ཆས་ལེགས་གྲུབ་ལྡན་པའི་ངང་བཟོས་པ་དང་། ཁང་པ་དང་འགོག་སྲུང་རྒྱུད་ཀྱི་ནུས་པའི་ཁུལ་ལེགས་གྲུབ་ལྡན་པའི་ངང་དབྱེ་བ་དང་འབྲེལ་རིག་དངོས་བསྡུ་རུབ་ཀྱི་ལས་དོན་ལེགས་གྲུབ་ཟིན་ཡོད་པ་རེད། རྫོང་སྡོད་ཁང་འཛུགས་སྐྲུན་ཅུས་དང་མཐུན་སྦྱོར་གྱིས་འཁྲུངས་ཁང་གཞིས་ཀའི་རིག་དངོས་སྲུང་སྐྱོབ་དོ་དམ་པའི་སྡོད་ཁང་བསྐྲུན་པ་མ་ཟད། བེད་སྤྱོད་གཏོང་འགོ་ཚུགས་ཡོད་པ་རེད། 2015ལོའི་ཟླ་6པར་འཁྲུངས་ཁང་གཞིས་ཀའི་རིག་དངོས་དོ་དམ་པ་བགྲེས་སོང་དོན་ལྡན་ཤེས་རབ་ལ་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཀྱི་སྔོན་ཐོན་མི་སྒེར་གྱི་མཚན་སྙན་ཐོབ་ཡོད་པ་རེད།
མཇུག་ཏུ་བདེ་འཇགས་ལྟ་སྐུལ་དོ་དམ་ཐད། སྣང་རྫོང་གིས་རིག་དངོས་བདེ་འཇགས་ལྡན་པ་ཡོང་རྒྱུ་དེ་རིག་དངོས་སྲུང་སྐྱོབ་ཀྱི་གཙོ་གནད་ལས་དོན་ལ་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས་ལྟ་སྐུལ་དོ་དམ་ལས་དོན་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ཡོད་པ་རེད། གཅིག་ནས་སྒྲིག་འཛུགས་དང་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་པ། སྣང་རྫོང་གི་རིག་དངོས་བདེ་འཇགས་ཐོན་སྐྱེད་ཆེད་དོན་བཅོས་སྒྲིག་ལག་བསྟར་ཇུས་གཞི་བཟོས་ནས་སྲིད་གཞུང་གི་རྫོང་དཔོན་གཞོན་པས་ཙུའུ་ཀྲང་གི་འགན་ཁུར་བ་དང་། ཅུས་ཀྱི་འགན་འཁུར་བ་གཙོ་བོས་ཙུའུ་ཀྲང་གཞོན་པའི་འགན་ཁུར་བ། བདེ་འཇགས་ཨུ་ལྷན་གྱི་ཁོངས་ཞུགས་ཚན་པ་གཙོ་བོར་བྱེད་པའི་རིག་དངོས་བདེ་འཇགས་ཐོན་སྐྱེད་ཀྱི་འགོ་ཁྲིད་ཚོགས་ཆུང་བཙུགས་ནས་ལས་དོན་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱས་ཡོད་པ་དང་། གཉིས་ནི་ཁྲིམས་འཛིན་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་པ། རྫོང་སྤྱི་བདེ་དང་། མེ་གསོད། བདེ་འཇགས་ལྟ་ཞིབ། རྒྱལ་ཁབ་ས་ཆ་སོགས་ཀྱི་སྡེ་ཚན་དང་མཉམ་འབྲེལ་བྱས་ནས་འཁྲུངས་ཁང་གཞིས་ཀ་དང་། དགའ་ལྡན་རབ་བརྟན་དགོན། རྩེ་ལེ་དགོན་སོགས་རིག་དངོས་སྲུང་སྐྱོབ་ཚན་པར་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཞིབ་བཤེར་བྱས་པ་མ་ཟད་ད་དུང་རིག་དངོས་སྲུང་སྐྱོབ་ཀྱི་འབྲེལ་ཡོད་ཤེས་བྱ་འགྲེལ་བཤད་བརྒྱབ་ནས་རིག་དངོས་དོ་དམ་བྱེད་མཁན་དང་ཞིང་འབྲོག་མང་ཚོགས་ཚོའི་རིག་དངོས་སྲུང་སྐྱོབ་ཀྱི་འདུ་ཤེས་ཟབ་ཏུ་བཏང་ཡོད་པ་རེད།
西藏网官方微信
西藏网-了解西藏第一选择!
网友留言评论